ཕུགས་བསམ་དང་དམིགས་ཡུལ།

ང་ཚོའི་སྐོར།

​​ཕུགས་བསམ།

སྔ་གནའ་མོའི་ནང་བསྟན་གྱི་མཁྱེན་ཡོན་དང་། ཚན་རིག སློབ་གསོ། སྦྱིན་བདག་གི་གཏོང་ཕོད་སོགས་ལ་ལྟོས་ནས་གཏེར་སྒར་གྱི་འཛམ་གླིང་ཡོངས་སུ་ཁྱབ་པའི་ཕུགས་བསམ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྡུག་བསྔལ་སེལ་བ་དང་། འགྲོ་བ་མིའི་བདེ་སྐྱིད་སྤེལ་བ་འདི་གཉིས་ཡིན།

དམིགས་དོན།

སྤྱིར་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་དང་། དེའི་རྩ་འཛིན་ལམ་སྟོན། ལྟ་གྲུབ་ཟབ་མོ་སོགས་དང་། ཁྱད་པར་དུ་སྐྱབས་རྗེ་༧མི་འགྱུར་རིན་པོ་ཆེ་མཆོག་གི་དགོངས་པ་རྒྱ་ཆེན་པོ་གཞིར་བཞག་སྟེ་གཏེར་སྒར་དགོན་དང་དེའི་དཀྱིལ་འཁོར་དུ་གྱུར་པའི་ཚོགས་པ་ཁག་གིས་དྲན་པ་དང་སྙིང་རྗེ་ཤེས་རབ་གསུམ་སྒོམ་པ་ལ་མཐུན་རྐྱེན་སྦྱོར་བཞིན་ཡོད། ངེད་ཅག་གི་ལམ་སྟོན་མཛད་པའི་སྟོན་པ་སྐྱབས་རྗེ་༧མི་འགྱུར་རིན་པོ་མཆོག་གིས་ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་དེ་ཉིད་བསྒྲུབས་ཏེ་ལྟ་བ་ནི་ནང་པ་སངས་རྒྱས་པའི་ཆོས་ཡིན་པ་དང་། སྒོམ་ནི་ཆོས་ཀྱི་བསྟན་པ་ལག་ལེན་བསྟར་བའི་དོན་དུ་སློབ་གསོ་དང་ཉམས་ལེན་ཡིན་པ། སྤྱོད་པ་ནི་ཡུལ་མིའི་སྤྱི་ཚོགས་དང་ས་སྐྱེས་རྡོ་སྐྱེས་ཀྱི་འཚོ་བ་སོགས་ལ་རྒྱབ་སྐྱོར་བྱེད་པ་དང་ཡར་རྒྱས་གཏོང་བའི་དོན་དུ་སྤྱི་ཚོགས་ཞབས་ཞུའི་ལས་གཞི་ཡིན། དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པའི་ཚོགས་པ་རེ་རེས་ཐབས་མཁས་ཀྱི་སྒོ་ནས་གང་ཐུབ་འབད་བརྩོན་བྱས་ནས་གཅིག་གྱུར་དང་དམིགས་བསལ་བའི་རྩ་དོན་གཉིས་ཚོད་འཛིན་བྱེད་བཞིན་ཡོད།

རྩ་འཛིན་ལམ་སྟོན་ཕར་ཕྱིན་དྲུག

ངེད་ཅག་གི་རྩ་འཛིན་ལམ་སྟོན་ནི་ངེད་ཅག་གིས་ཕན་ཚུན་དང་འཛམ་གླིང་འདི་ལྟ་སྐྱོང་བྱེད་པ་དང་། རང་རེའི་ཆོས་ཚོགས་འདི་ལ་ཞེབས་འདེགས་ཞུ་བའི་ཀུན་སློང་གང་འདྲ་ཞིག་ཡོད་པར་མཚོན་བྱེད་ཡིན་ལ། ཡང་དེ་ཉིད་ཀྱིས་ངེད་ཅག་གི་གདམ་ག་དང་སྤྱོད་ལམ་ལ་ཤུགས་རྐྱེན་ཐེབས་པས་ལམ་སྣ་འཁྲིད།

  • ངེད་ཅག་གིས་སྤྱིན་པ་གཏོང་སྐབས་དེ་ཉིད་ཕྱག་རྟགས་རིན་ཐང་བྲལ་བ་ཞིག་ཡིན་པ་དང་། སྡུག་བསྔལ་སེལ་བར་ནུས་པ་ཡོད་པ། རང་ཉིད་ཀྱིས་གང་ལེགས་བྱེད་ནུས་པར་བྱེད་པའི་མཐུན་རྐྱེན་ཞིག་ཡིན་པར་དམིགས་པས་ངེད་ཅག་གིས་ཕྱོགས་རིས་མེད་པར་བློས་གཏོང་བར་བསམ་པའི་ངང་ནས་ལས་དོན་སྒྲུབ་བཞིན་ཡོད།

    ངེད་ཅག་གི་ཀུན་སློང་ནི་རང་རེ་ཐམས་ཅད་ཀྱི་འཛམ་བུ་གླིང་དང་སེམས་ཅན་ཐམས་ཅད་གཉིས་ལ་བྱམས་སྐྱོང་བྱེད་པ་འདི་ཡིན།

  • ངེད་ཅག་གིས་རང་གཞན་གཉིས་ལྟ་སྐྱོང་བྱེད་པ་དང་། ཞབས་འདེགས་ཞུ་སའི་ཁོར་ཡུག་དང་མི་དམངས་སོགས་ལ་ཕན་ཚུན་འབྲེལ་བ་བྱེད་སྐབས་སྒྲིག་ལམ་མངོན་གསལ་ཞིག་ལག་ལེན་གང་ཐུབ་བསྟར་བཞིན་ཡོད། ངེད་ཅག་གི་སྒྲིག་ལམ་འདི་གང་འདྲ་ཞིག་ཡིན་ཟེར་ན་རྣམ་འཚེ་དང་གནོད་པ་སོགས་སྤོང་བ་དང་། བསམ་བཞིན་དུ་དགེ་བ་སྒྲུབ་པ། གཞན་ལ་ཕན་པ་གང་ཐུབ་སྒྲུབ་པར་དམིགས་པ་ཞིག་ཡིན།

    དྲང་ཚུགས་དང་འགན་འཁུར་དང་ལེ་ཐོགས་ཀྱི་ཚད་གཞི་ཆེས་མཐོ་པོ་གཞིར་བཞག་སྟེ་ངེད་ཅག་དང་ངེད་ཅག་གི་དཀྱིལ་འཁོར་དུ་གྱུར་པའི་ཚོགས་པའི་མི་ཐམས་ཅད་ཀྱི་ངོས་ནས་ཁག་ཐེག་ཡོད།

  • རང་གཞན་གཉིས་ཀྱིས་རྐྱེན་ངན་གདོང་ལེན་བྱེད་ནུས་པ་ལ་ངེད་ཅག་གིས་དྲན་པ་དང་སྙིང་རྗེ་ཤེས་རབ་གསུམ་གྱི་སྒོ་ནས་དུས་ཡུན་དང་བར་སྟོང་གང་དགོས་འཇོག་བཞིན་ཡོད།

  • ངེད་ཅག་གིས་ཁོར་ཡུག་དང་མི་གཞན་སོགས་ལ་ཞབས་འདེགས་འདི་ལྟར་ཞུས་པའི་དགའ་ཚོར་ཆེན་པོ་དང་དམིགས་བསལ་ཐོབ་ཐང་ཞིག་ཡོད། ངེད་ཅག་གིས་འབད་བརྩོན་བྱེད་བཞིན་ཡོད་ཀྱང་ལས་དོན་སྤྲོ་བ་དང་བློ་བདེ་བའི་ངང་ནས་སྒྲུབ། དགོད་བྲོ་དང་། ཕན་ཚུན་འབྲེལ་ལམ། ཉམས་ལེན་གྱི་དུས་ཚོད་སོགས་དགོས་པ་ནི་ལས་དོན་དམིགས་བསལ་ཞིག་འགྲུབ་དགོས་པའི་གལ་གནད་དང་གཅིག་མཚུངས་ཡིན།

    ངེད་ཅག་གིས་གྲོགས་པོའི་འབྲེལ་ལམ་དང་ཡིད་ཆེས་གཉིས་ཡར་རྒྱས་གཏོང་བ་འདི་ངེད་ཅག་གི་ཚོགས་པའི་རྨང་གཞི་ཡིན།

  • ངེད་ཅག་གིས་སྒོམ་ཉམས་ལེན་བྱས་པས་བློ་སྦྱོང་བསྒྲུབས་ནས་ཡིད་བྱེད་དང་ཚོད་འཛིན་བཏང་སྙོམས་སོགས་ཡར་རྒྱས་གཏོང་བཞིན་ཡོད། ངེད་ཅག་གཅིག་གིས་གཅིག་ལ་གཞི་མའི་དགེ་ལེགས་དང་སྙིང་རྗེ་ཤེས་རབ་གསུམ་ཡོད་པར་ངོས་ལེན་ཡོད།

  • ངེད་ཅག་གིས་ཤེས་འདོད་ཀྱི་དབང་གིས་ལས་དོན་སྒྲུབ་བཞིན་ཡོད་ལ། ངེད་ཅག་གིས་དམའ་ས་བཟུང་བས་རང་རེ་དང་ཞབས་འདེགས་ཞུ་སའི་སྤྱི་ཚོགས་གཉིས་གཅིག་གིས་གཅིག་ལ་སློབ་གསོ་མང་པོ་རྒྱག་རྒྱུ་ཡོད་པར་ངོས་ལེན་ཡོད། སོ་སོའི་མི་རིགས་དང་སྤྱི་ཚོགས་ཀྱི་ངོས་འཛིན་གང་འདྲ་ཞིག་ཡིན་མིན་ལ་མ་ལྟོས་པར་མི་ཐམས་ཅད་ལ་དགའ་བསུ་དང་རིན་ཐང་ཡོད་པའི་ཁོར་ཡུག་ཅིག་བཙུགས་པས་ངེད་ཅག་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།

Tergar Mandala