སྒོམ་གྱི་ཚོགས་སྡེ།

གཏེར་སྒར་ཤར་ཕྱོགས།

༸ སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་གཟིགས་སྐྱོང་འོག་ཏུ་གཏེར་སྒར་ཕྱོགས་དང་། དེར་སྒོམ་ཁྲིད་གནང་མཁན་དང་ལམ་སྟོན་པ་སོགས་ཀྱིས་ཆོས་ལུགས་དང་མི་རིགས་སྣ་ཚོགས་ཀྱི་མི་དམངས་ལ་གོ་བདེ་བའི་སྒོ་ནས་སྒོམ་ཁྲིད་ཟབ་རྒྱས་བྱསཔ་ལ་བརྟེན་ནས། ཤར་གླིང་གི་ཡུལ་གྲུ་དག་ཏུ་གཏེར་སྒར་གྱི་ཆོས་ཚོགས་ཁག་ལ་རྒྱབ་སྐྱོར་དང་མཉམ་ཞུགས་གནང་མཁན་གཞི་རྒྱ་ཆེན་པོ་ཡོད། ཤར་ཕྱོགས་ཀྱི་གཏེར་འཛུགས་པའི་དམིགས་ཡུལ་ངོ་མ་ནི། འགྲོ་བ་མི་རང་རང་གི་ལྷན་སྐྱེས་ཀྱི་དྲན་པ་དང་ཤེས་རབ་བྱམས་བརྩེའི་ནུས་པ་སོགས་ངོ་འཕྲོད་ཐབས་བྱེད་རྒྱུ་དང་། དེ་དག་ཡར་རྒྱས་གོང་དུ་འཕེལ་དུ་གཏོང་ཐབས་བྱེད་རྒྱུ། མི་སོ་སོའི་རང་རང་གི་འཚོ་བའི་ཉམས་མྱོང་ལ་བརྟེན་ནས་ལྷན་སྐྱེས་ཀྱི་་ཤེས་རབ་དང་བྱམས་སྙིང་རྗེ་སོགས་ངོ་འཕྲོད་ཅིང་དེ་ཉིད་གཏིང་ཟབ་ཏུ་ཟབ་ཏུ་གཏོང་ཐབས་བྱེད་རྒྱུ་འདི་ཡིན།