གཏེར་སྒར་སློབ་གླིང་།

ནང་ཆོས།

གཏེར་སྒར་སློབ་གླིང་དུ་དངོས་ཡོད་ཀྱི་སློབ་གསོ་བཀོད་སྒྲིག་བྱེད་པ་དང་ལག་བསྟར་བྱས་བས་འཛམ་གླིང་ག་ས་ག་ནས་ཕེབས་པའི་སློབ་མས་ནང་བསྟན་ཐོས་བསམ་བྱེད་པ་དང་དེའི་དོན་ལག་ལེན་དངོས་སུ་བསྟར་བཞིན་ཡོད། རྩ་བར་གྱུར་པའི་ནང་བསྟན་གྱི་གཞུང་ལུགས་དང་ཉམས་ལེན་གཉིས་ལ་ལྟོས་ནས་གཏེར་སྒར་སློབ་གླིང་གི་དམིགས་ཡུལ་ནི་དེང་དུས་ཀྱི་འཛམ་གླིང་འགྲོ་ལུགས་དང་ལེགས་པར་བསྟུན་པ་ལ་གོ་བ་དང་ནུས་རྩལ་ཁག་ཡོང་བར་མཐུན་རྐྱེན་སྦྱོར་བ་འདི་ཡིན། སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་ལེགས་བཅོས་གནང་བའི་སློབ་གསོ་ཐབས་ལམ་གཞིར་བཞག་སྟེ་སློབ་གླིང་གི་ཆ་ཤས་ཡོངས་རྫོགས་ནི་ཐོས་བསམ་སྒོམ་གསུམ་དང་འབྲེལ་བ་དང་། ལག་ལེན་བསྟར་རུང་བ། མྱོང་ཁྲིད་ལ་བརྟེན་པ། མཉམ་ཞུགས་ཡོད་པ་ལྟ་བུ་ཡིན། གཏེར་སྒར་སློབ་གླིང་དུ་ནང་བསྟན་གྱི་གཞུང་ལུགས་དང་ཀླད་ཁམས་རིག་པ་སོགས་ཆོས་ལ་མ་བརྟེན་པའི་ཤེས་བྱ་ཁག་གཅེས་སུ་བཟུང་བས་དངོས་ཡོད་ཀྱི་ཉམས་མྱོང་དང་འཚོ་བ་དང་འབྲེལ་ཡོད་ལྟ་བ་ཟབ་རྒྱས་ཡོད། སྤྱི་ལོ་༢༠༢༣་སྤྱི་ཟླ་དགུ་པར་གཏེར་སྒར་སློབ་གླིང་དུ་༼ནང་ཆོས་ཉམས་རྟོགས་ཀྱི་གཞི་རྟེན།༽ཟེར་བའི་ཐོག་མའི་སློབ་ཚན་འདི་དབུ་ཕྱེ་སྟེ་རྗེས་སུ་སྤྱི་ལོ་༢༠༢༦་ཡི་སྐབས་སུ་སློབ་ཚན་ཆ་ཚང་པོ་ཞིག་ཐོན་ཡོང་། གཏེར་སྒར་སློབ་གླིང་གི་དམིགས་ཡུལ་ནི་གཏེར་སྒར་འོད་གསལ་གླིང་དགོན་དུ་དངོས་ཡོད་ཀྱི་ཉམས་མྱོང་གསག་རྒྱུ་ཡོད་པ་དང་། རྒྱང་རིང་ནས་ཀྱང་དྲྭ་ཐོག་སློབ་སྦྱོང་བྱེད་རྒྱུ་ཡོད་པ་གཉིས་ལ་བརྟེན་ནས་ལོ་གསུམ་གྱི་ཤེས་ཚད་ལག་ཁྱེར་ཐོབ་རྒྱུ་ཡོད་པ་འདི་ཡིན།