ཧི་མ་ལ་ཡའི་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ།

སྤྱི་ཚོགས་ཞབས་ཞུ།

ཁྱད་པར་དུ་ཧི་མ་ལ་ཡའི་ཡུལ་ཁག་ལ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཉུང་དུ་གཏོང་བ་ལ་སྤྱི་ལོ་༢༠༢༣་སྤྱི་ཟླ་གསུམ་པར་སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་ཧ་མ་ལ་ཡའི་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ་ཟེར་བ་འདི་ཕྱག་འདེབས་གནང་། ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། ཧི་མ་ལ་ཡའི་མི་དམངས་རྣམས་ལ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཁྲོད་དུ་གསོ་ཆུད་ནུས་པ་ཡོང་བའི་དོན་དུ་Margot Clavier་ལགས་ཀྱིས་ཁེ་མེད་སྒྲིག་འཛུགས་གསར་པ་འདི་ལ་ལྟ་རྟོག་བྱེད་བཞིན་ཡོད། སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་དགོངས་པ་ནི་སྡུག་བསྔལ་ཡོད་ཚད་སེལ་བ་དང་སེམས་ནང་གི་བདེ་སྐྱིད་ཡར་རྒྱས་གཏོང་མཛད་པའི་མཛད་འཕྲིན་གྱི་སྒོ་ནས་འགྲོ་བ་མིའི་ཡར་རྒྱས་ལ་ཕྱག་རོགས་གནང་བ་འདི་ཡིན། སྔར་གཏེར་སྒར་དགེ་རྩའི་ལས་འཆར་བཞིན་ཧ་མ་ལ་ཡའི་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ་ཀྱི་སྒྲིག་འཛུགས་ཀྱིས་དབྱིན་སྐད་དང་བལ་སྐད་ཨང་རྩིས་སོགས་གཞི་རྩའི་འབྲི་ཀློག་ཤེས་ཡོན་སློབ་པ་དང་། རས་ཆ་ཚེམ་བུ་དང་ཟས་རིགས་བཟོ་བ་སོགས་ལས་རིགས་སློབ་པའི་སྒོ་ནས་བུད་མེད་ཀྱི་ནུས་པ་སྤེལ་རྒྱུ་ཡིན། སྐྱབས་རྗེ་རིན་པོ་ཆེའི་འཁྲུངས་ཡུལ་(Samagaun)་ལ་མཚོན་ན་དེར་གནས་པའི་བུད་མེད་ཀྱིས་ཕྱུར་བ་བཟོ་ཚུལ་མུ་མཐུད་ནས་སྦྱོང་རྒྱུ་ཡིན། དེ་ལ་ཡང་མི་དམངས་རྣམས་ཀྱིས་ཡོང་འབབ་གསོག་ཐུབ་པར་བྱེད་པ་ལ་ཧི་མ་ལ་ཡའི་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ་ཀྱི་སྒྲིག་འཛུགས་ཀྱིས་སྐྱེ་དངོས་སྣ་ཚོགས་རང་བཞིན་དང་བསྟུན་ནས་ཡུན་རིང་གནས་ཐུབ་པའི་ཚོང་ལས་ཀྱི་ལས་འཆར་རིན་ཐང་ཅན་ཆ་ཚང་པོ་མུ་མཐུད་ནས་ཡར་རྒྱས་གཏོང་རྒྱུ་ཡིན་ལ། དཔེར་ན་རྒྱ་སེའི་འབྲས་བུ་བཏུས་ནས་སྐམས་པས་ཧི་མ་ལ་ཡའི་ཇ་རིགས་བྱེ་བྲག་པ་ཞིག་བཟོ་བ་བཞིན། དེར་བརྟེན་རྒྱ་སེ་ཇའི་རྒྱུ་ཆ་དེ་ལྟར་ཁ་ན་ཌའི་རྒྱལ་ཁབ་ཀྱི་ཁེ་ལས་མཉམ་འདུས་(TEALEAVES)ཟེར་བ་འདི་ལ་བསྐུར་བས་ཧི་མ་ལ་ཡའི་ཇ་འདི་བཙོངས་ནས་ཧི་མ་ལ་ཡའི་མི་དམངས་རྣམས་ཀྱིས་ཁེ་བཟང་བརྒྱ་ཆ་བརྒྱ་གསོག་བཞིན་ཡོད། དེ་བཞིན་དུ་ཧི་མ་ལ་ཡའི་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ་ཀྱི་སྒྲིག་འཛུགས་ཀྱིས་སྐྱེ་དངོས་དང་གནམ་གཤིས་དང་བསྟུན་ནས་སྔ་མ་ནས་ཡོད་པའི་ལྗང་ཁང་གི་ལས་འཆར་ཡར་རྒྱས་གཏོང་རྒྱུ་ཡིན། ལས་འཆར་འདིའི་སྒོ་ནས་(Samagaun)དང་(Samdo)ཡི་ཡུལ་དུ་ཉི་འོད་ལ་བརྟེན་པའི་ལྗང་ཁང་༦༢་བསྐྲུན་ཡོད། དེར་བརྟེན་ཀྲོ་མ་ཀྲུ་དང་། ཛུ་ཀི་ཀ་པེད། རྒྱ་སྲན། ཁི་ར། སི་པན། སྔོན་ཚལ། མེ་ཏོག་པད་ཚལ་སོགས་གྲོང་གསེབ་དེ་གཉིས་ལ་བྱུང་མྱོང་མེད་པའི་ཚལ་རིགས་སྣ་ཚོགས་ད་ལྟ་ནས་སྐྱེ་བཞིན་ཡོད། དེ་ལ་ཡང་ཧི་མ་ལ་ཡའི་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ་ཀྱི་སྒྲིག་འཛུགས་ཀྱིས་(Samaguan)དང་(Samdo)་ཡི་མི་དམངས་རྣམས་ལ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཁྲོད་དུ་གསོ་ཆུད་ནུས་པ་ཡོང་ཐབས་བྱེད་པའི་ལས་འཆར་སྒྲུབ་རྒྱུ་ཡིན་ལ། མི་དམངས་རྣམས་ལ་རྒྱབ་སྐྱོར་བྱས་པས་སྲོལ་རྒྱུན་གྱི་ཐབས་ལམ་དང་ཌོ་རོན་གནམ་གྲུའི་སྒོ་ནས་ཤིང་ནགས་བསྐྱར་འཛུགས་རྒྱ་ཆེར་བྱེད་པ་དང་། གནམ་གཤིས་དང་ལེགས་པར་བསྟུན་ནས་ཞིང་ལས་ཀྱི་ཐབས་ལམ་ལ་རྒྱབ་སྐྱོར་བྱེད་པ། ནགས་ཞིང་འདེབས་ལས་ཡར་རྒྱས་གཏོང་བ། གཡག་གི་སྤུས་བཟོས་པའི་ལག་ཤེས་དང་རྩ་སྨན་སོགས་ཡུན་རིང་གནས་ཐུབ་པའི་ཚོང་ལས་ཀྱི་ལས་འཆར་རིན་ཐང་ཅན་ཆ་ཚང་པོ་སྒྲུབ་པ། ཤིང་ནགས་རྩ་གཏོར་ཉུང་དུ་གཏོང་བ་ལ་བསྐྱར་གསོ་བྱེད་རུང་བའི་ནུས་ཤུགས་སྤེལ་བ་སོགས་འདིའི་ཁོངས་གཏོགས་ཡིན། གལ་ཏེ་ཧི་མ་ལ་ཡའི་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ་ལ་ཞལ་འདེབས་ཕུལ་གནང་འདོད་ན་ཡོངས་དགེ་ཐེབས་རྩའི་བརྒྱུད་ནས་ཞལ་འདེབས་ཕུལ་ཡུལ་ཡོད། བཀའ་དྲིན་ཆེ།