གཏེར་སྒར་ཐེབས་རྩ།
སྤྱི་ཚོགས་ཞབས་ཞུ།
ཡོངས་དགེ་ཐེབས་རྩ་ནི་(501 C-3)ཁྲལ་འབབ་རྩ་ཆག་གི་སྒྲུག་འཛུགས་ཤིག་ཡིན་ལ། སྐྱབས་རྗེ༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་བཞེད་དགོངས་བཞིན་འཛམ་གླིང་ཡོངས་ཀྱི་ལས་འཆར་ཁག་འགྲུབ་པ་ལ་ཞལ་འདེབས་ཐོབ་བཞིན་ཡོད། ཡང་ཞལ་འདེབས་ཕུལ་གནང་མཁན་གྱི་ཨ་རི་བའི་མི་དམངས་ལ་ཁྲལ་འབབ་རྩ་ཆག་འགའ་ཡོད། གསུང་ཆོས་གནང་བར་ཕེབས་པ་དང་ཕྱག་དེབ་དཔེ་སྐྲུན་གནང་བ་ལ་སོགས་པ་འཛམ་གླིང་ཡོངས་ལ་ཆོས་དང་སློབ་གསོ་སྤྱི་ཚོགས་ཞབས་ཞུ་སྤེལ་བའི་མཛད་འཕྲིན་སྣ་ཚོགས་ལ་རྒྱབ་སྐྱོར་གནང་བ་ལ་སྤྱི་ལོ་༢༠༠༣་ཡི་སྐབས་སུ་སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་ཡོངས་དགེ་ཐེབས་རྩ་ཟེར་བ་འདི་ཕྱག་འདེབས་གནང་། དེ་དག་གི་ནང་ནས་ཕུལ་བྱུང་གི་ཆ་གང་དང་གང་ཡོད་ཅེ་ན། གནས་མཆོག་རྡོ་རྗེ་གདན་གཏེར་སྒར་དགོན་བཞེངས་པ་དང་། དེའི་དགེ་འདུན་པ་རྣམས་ལ་རོགས་རམ་གནང་བ། གཏེར་སྒར་འོད་གསལ་གླིང་དགོན་དང་དེའི་དགེ་འདུན་པ་རྣམས། བལ་ཡུལ་གཏེར་སྒར་དགེ་རྩ། གཏེར་སྒར་སློབ་གླིང་། གཏེར་སྒར་སློབ་གྲྭ་སོགས་ལ་རོགས་རམ་གནང་བ་སོགས་བལ་ཡུལ་ནང་མཛད་འཕྲིན་ཁག་བསྒྲུབས་པ་བཞིན།