གཏེར་སྒར་སློབ་གྲྭ།

སྤྱི་ཚོགས་ཞབས་ཞུ།

གཏེར་སྒར་སློབ་གྲྭར་སྔོན་འགྲོ་སློབ་གྲྭ་ནས་ལོ་རིམ་བཅུ་གཉིས་པའི་བར་དུ་དྲན་པ་དང་སྙིང་རྗེ། ཤེས་རབ། བདེ་སྐྱིད་སོགས་ཀྱི་ཆ་ཚང་བའི་མི་བཟང་པོ་དང་སྙིང་སྟོབས་ཅན་གསོ་སྐྱོང་བྱེད་བཞིན་ཡོད། སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེས་ཆོས་ཁྲིད་གཞིར་བཞག་སྟེ་གཏེར་སྒར་སློབ་གྲྭའི་ཐབས་ལམ་ནི་བོད་བརྒྱུད་ནང་བསྟན་གྱི་ལྟ་སྒོམ་སྤྱོད་གསུམ་དང་། སྤྱིའི་སློབ་ཚན་ཁག་གཅིག་ཏུ་བསྒྲིལ་བས་སློབ་ཐབས་ཡར་ཐོན་ཅན་གྱིས་སློབ་ཁྲིད་འཁྲིད་བཞིན་ཡོད། ཉེ་ཆར་གཏེར་སྒར་སློབ་གྲྭ་བལ་ཡུལ་ཀ་ཐ་མན་གྲུའི་ས་ཁུལ་དུ་ཡོད་ལ། དེར་དགེ་ཕྲུག་༨༢་དང་། དགེ་རྒན་༨། འཛིན་སྐྱོང་པ་༣། ལས་བྱེད་༡༥་ལྷག་ཙམ་ཡོད། དེ་ལ་ཡང་ལོ་གཅིག་ལ་གཏེར་སྒར་སློབ་གྲྭ་ནི་དེར་མཉམ་ཞུགས་བྱེད་མཁན་ཚང་མའི་དོན་དུ་སློབ་གྲྭ་ཧུར་པོ་ཞིག་ཆགས་བསྡད་ཡོད། ཡང་སྤྱི་ལོ་༢༠༢༣་ཡི་སྐབས་སུ་བལ་ཡུལ་ཡོལ་མོའི་ཡུལ་དུ་གཏེར་སྒར་སློབ་གྲྭ་གསར་པ་ཞིག་ཕྱག་འདེབས་གནང་རྒྱུ་ཡིན་ལ། ཡོལ་མོ་གཏེར་སྒར་སློབ་གྲྭ་ནི་རང་བྱུང་གི་རྣམ་དག་ལྡན་པའི་ཁོར་ཡུག་བཅས་པར་སློབ་ཕྲུག་གིས་ཕྱི་ནང་གཉིས་ཀྱི་ཡུལ་ལ་བརྟག་དཔྱད་བྱེད་སའི་སློབ་གྲྭ་ཞིག་ཏུ་འགྱུར་བའི་འཆར་གཞི་ཡོད།