རྒྱལ་སྤྱིའི་གཏེར་སྒར།

སྒོམ་གྱི་ཚོགས་སྡེ།

རྒྱལ་སྤྱིའི་གཏེར་སྒར་ལ་མཚོན་ན་ལམ་གྱི་རིམ་པ་རེ་རེ་བཞིན་སྒོམ་ཉམས་ལེན་བྱེད་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་ཐབས་གཙིགས་སུ་འཛིན་ཡོད་ལ། རྒྱལ་སྤྱིའི་གཏེར་སྒར་གྱི་འདུན་པདང་ལས་དོན་ནི་ ༸ སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་གསུངས་པའི་ཟབ་ཅིང་རྒྱ་ཆེ་ལ་མྱོང་བ་དང་ཉིན་རེའི་མི་ཚེའི་འཚོ་བ་དང་འབྲེལ་ཞིང་། ཁ་གསལ་ཞིང་གོ་བདེ་བའི་གསུང་ཆོས་སྐྱེ་འགྲོ་མང་པོ་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་རྣམས་འཛམ་གླིང་ཡོངས་ལ་མངོན་སུམ་མམ་དྲྭ་རྒྱའི་རྒྱུད་ནས་ཁྱབ་སྤེལ་གཏོང་བ་ཐབས་བྱེད་རྒྱུ་འདི་ཡིན། ངེད་ཅག་གིས་སྤྱི་ཚོགས་དང་མི་མངས་ཀྱི་ཁམས་དང་མོས་པ་སོགས་དང་བསྟུན་ནས་ཆོས་ལུགས་ལ་མ་བརྟེན་པའི་སྒོམ་ཁྲིད་དང་། ཡང་ནང་ཆོས་ཀྱི་སློབ་ཁྲིད་སོགས་ཀྱང་འཁྲིད་བཞིན་ཡོད། ངེད་ཅག་གི་དམིགས་ཡུལ་ནི་མི་དམངས་རྣམས་ལ་སྒོམ་ཉམས་ལེན་བྱེད་པར་འགོ་བཙུགས་པའམ་གཏིང་ཟབ་ཏུ་གཏོང་བ་ལ་ཞབས་འདེགས་ཞུ་བ་དང་། འགྲོ་བ་མི་རེ་རེ་བཞིན་རང་སོ་སོའི་མི་ཚེའི་འཚོ་བའི་སྤུས་ཚད་ཡར་རྒྱས་སུ་གཏོང་ཐབས་བྱེད་རྒྱུ་འདི་ཡིན།