གཏེར་སྒར་འོད་གསལ་གླིང་དགོན་པ་
དཔལ་གཏེར་སྒར་འོད་གསལ་གླིང་དགོན་ནི་སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་གདན་ས་ཡིན་པ་དང་། དེ་ལ་ཡང་ཆོས་ཕྱོགས་ནས་གཏེར་སྒར་ཆོས་ཚོགས་ཀྱི་ཁྱིམ་ཚང་ཡིན་ལ། སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་ནི་བཀའ་བརྒྱུད་དང་རྙིང་མ་གཉིས་ཀྱི་སྤྲུལ་སྐུའམ་བླ་མ་ཞིག་ཡིན་པར་མ་ཟད་ཕྱག་དེབ་མཛད་པ་པོའང་ཡིན།
གཏེར་སྒར་འོད་གསལ་གླིང་ནི། གཏེར་སྒར་གྱི་འདུས་ཚོགས་རྣམས་ལ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དང་། སྒྲུབ་པ་ཉམས་ལེན། སྤྱོད་ལམ་སོགས་ཡར་རྒྱས་གཏོང་བའི་དམིགས་ཡུལ་གཞི་རྩ་བཟུང་བའི་ཚོགས་པ་ཞིག་དང་། སྤྱིར་གཏེར་སྒར་གྱི་དགེ་འདུན་ནི་འཛམ་གླིང་ཡོངས་ཀྱི་གཏེར་སྒར་སློབ་ཚོགས་ཐམས་ཅད་གཅིག་ཏུ་འདུས་པའི་དཀྱིལ་འཁོར་ཞིག་དང་། ༸ སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་ལ་དད་འདུན་དང་། འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་སེལ་ཐུབ་པའི་ཀུན་སློང་གཅིག་གྱུར་ཡོད་པའི་འདུས་ཚོགས་ཞིག་ཡིན།
ནང་ཆོས།
གཏེར་སྒར་འོད་གསལ་གླིང་དགོན་པ་དང་བཤད་གྲྭ།
གནས་མཆོག་རྡོ་རྗེ་གདན་གཏེར་སྒར་དགོན་པ།
གཏེར་སྒར་སློབ་གླིང་།
གཏེར་སྒར་མཚམས་ཁང་།
སྒོམ་གྱི་ཚོགས་སྡེ།
གཏེར་སྒར་ཤར་ཕྱོགས།
གཏེར་སྒར་རྒྱལ་སྤྱི།
སྤྱི་ཚོགས་ཞབས་ཞུ།
ཧི་མ་ལ་ཡའི་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ།
བལ་ཡུལ་གཏེར་སྒར་དགེ་རྩ།
གཏེར་སྒར་སློབ་གྲྭ།
ཡོངས་དགེ་ཐེབས་རྩ།
རྩ་བའི་ཆ་ནས་བདེ་བ་དང་མི་བདེ་བ་གཉིས་ནི་ཕྱི་ཡི་དངོས་པོའམ་ལུས་ལ་གཙོ་བོ་རག་ལས་པ་མ་ཡིན་པར་གཙོ་ཆེ་ཤོས་དེ་སེམས་ཀྱིས་ཐག་བཅད་པ་ཞིག་ཡིན་ཞེས། ༸ སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་གསུངས།
— སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག