སྨོན་ལམ་རེ་སྐུལ།

ནང་ཆོས།

སྐབས་སྐབས་སུ་རང་ཉིད་དམ། ཡང་ན་རང་ཉིད་ཀྱི་སྤུན་མཆེད་དང་སྙིང་ཉེ་བ་སོགས་སྲོག་ལ་བབས་པའམ་ཚབས་ཆེ་བའི་སྙུང་གཞི་ལྟར་བྱུང་ན་སྨོན་ལམ་དང་ཞལ་འདོན་སོགས་རེ་སྐུལ་གནང་ཆོག། སྐབས་དེ་ལྟར་ན་སོ་སོའི་ཆོས་བརྒྱུད་ཀྱི་རྒྱབ་སྐྱོར་བྱུང་བས་ཕལ་ཆེར་ཕན་ཐོགས་ཡོང་། གལ་ཏེ་རྐྱེན་དེ་ལྟར་བྱུང་ན་སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གམ། མཁན་པོ་འགྱུར་མེད་དབང་ཕྱུགས་མཆོག་གམ། མཁན་པོ་པདྨ་འོད་ཟེར་མཆོག་གམ། མཁན་པོ་ཀུན་དགའ་མཆོག་གམ། ཡང་ན་བླ་མ་གཞན་གྱིས་དང་བླངས་གནང་ནས་དཀའ་ངལ་ཕྲད་པའི་མི་དེ་ཉིད་ལ་དགོངས་པས་ཞལ་འདོན་དང་ཉམས་བཞེས་སོགས་གནང་ཆོག། གལ་ཏེ་རང་ཉིད་དམ། ཡང་ན་སྙིང་ཉེ་བའི་མི་ཞིག་ལ་རྐྱེན་ངན་ཚབས་ཆེན་བྱུང་ན་tergaroselling@gmail.com་ཞེས་གློག་འཕྲིན་ཁ་བྱང་འདི་ལ་འཕྲིན་ཐུང་ཞིག་བསྐུར་གནང་རོགས། གལ་ཏེ་གྲོངས་པའི་ཆེད་དུ་དགོས་ན་དེའི་འདྲ་པར་ཞིག་དང་། མཚན། གནས་ཡུལ། འཁྲུངས་པ་དང་གྲོངས་པའི་ཚེས་གྲངས་སོགས་ཀྱང་བསྐུར་གནང་རོགས། དེ་ལ་ཡང་ཞལ་འདེབས་ངེས་པར་ཕུལ་གནང་དགོས་པ་མེད་ཀྱང་ཕུལ་གནང་འདོད་ན་ཆོག ཁྱེད་ལ་ཐུགས་རྗེ་གནང་ཞུ།