ཁོངས་སུ་བརྩི་བའི་སྨོན་འདུན།

ང་ཚོའི་སྐོར།

དཔལ་གཏེར་སྒར་འོད་གསལ་གླིང་དགོན་དང་། དེའི་དཀྱིལ་འཁོར་དུ་གྱུར་པའི་ལྷན་ཚོགས་ཁག་གཉིས་ནི་སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་སྡུག་བསྔལ་སེལ་བ་དང་འགྲོ་བ་མིའི་བདེ་སྐྱིད་ཡར་རྒྱས་གནང་བའི་ཆེད་དུ་ཕྱག་འདེབས་གནང་། ངེད་ཅག་ལ་མཚོན་ན་འཛམ་གླིང་ཡོངས་ཀྱི་ཆོས་ཚོགས་ཤིག་ཡིན་ལ། འདིར་མཉམ་ཞུགས་གནང་མཁན་ཡོངས་རྫོགས་ལ་གུས་ཞབས་དང་། བདེ་འཇགས། བརྩི་བཀུར། འབྲེལ་ཡོད་ཀྱི་རྣམ་ཤེས་སོགས་ཡོང་ཐབས་བྱས་པས་སྤྱི་ཚོགས་ཀྱི་གཤིས་ལུགས་ཤིག་སྐྲུན་པ་དང་བརྒྱུད་འཛིན་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད། ཀུན་སློང་འདི་ནི་ངེད་ཅག་གིས་ཐོས་བསམ་བྱེད་པ་དང་ལག་ལེན་གང་ཐུབ་ཀྱིས་བསྟར་འདོད་པའི་ཆོས་ཀྱི་ལམ་སྟོན་རྣམས་དང་མཐུན། དེ་ལའང་མཉམ་ཞུགས་ཀྱིས་ལྟ་ཚུལ་དང་ཉམས་མྱོང་ནུས་རྩལ་སྣ་ཚོགས་ལ་སོགས་པ་ཁྱབ་སྤེལ་དུ་ཕྱིན་པས་མི་ཡོངས་ལ་ཁེ་ཕན་ཆེན་པོ་ཡོང་བར་ངོས་ལེན་ཡོད་ལ། འོན་ཀྱང་ཟུར་འདོན་གྱིས་འཛམ་གླིང་དང་ས་ཁུལ་གཉིས་ཀྱི་སྤྱི་ཚོགས་སུ་གང་ཟག་རེ་རེ་ལ་སྡུག་གྱོང་ཕོག་ཡོང་། འགྲོ་བ་མི་ཡོངས་ལ་ནུས་པ་གཅིག་མཚུངས་ཡོད་ལ། འོན་ཀྱང་གཏེར་སྒར་ཆོས་ཚོགས་ལ་མཉམ་ཞུགས་བྱེད་སྐབས་རང་ཉིད་ཁོངས་སུ་བརྩི་བའི་རྣམ་ཤེས་ངོ་མ་ཞིག་ཡོང་བ་ལ་དཀའ་ངལ་འཕྲིད་སྲིད་པར་ངོས་ལེན་ཡོད། དེ་བཞིན་དུ་ཕལ་ཆེར་སྤྱི་ཚོགས། ཡང་ན་ལུས་པོ། དཔལ་འབྱོར། རིག་གཞུང་། སྐད་ཡིག མི་རིགས། རྒྱལ་ཁབ། མི་རིགས་དབྱེ་འབྱེད། ཕོ་མོའི་དབྱེ་བ། ནུས་པ། འཁྲིག་སྦྱོར་མོས་ཕྱོགས། ལོ་རྒྱུས་ལྟར་གྱི་དབྱེ་འབྱེད། འཛམ་གླིང་གི་ཡུལ་ཁག་ཏུ་འདྲ་མཉམ་མེད་པའི་གནས་སྟངས་སོགས་ཀྱི་སྒོ་ནས་དཀའ་ངལ་མི་འདྲ་བ་ཡོང་། དེ་ལའང་གནས་ཚུལ་མི་འདྲ་བ་ལ་བརྟེན་ནས་དཔེ་མཚོན་གྱི་རྣམ་གྲངས་དེ་ཉིད་ཆ་མ་ཚང་བར་འགྱུར་སྲིད། འོན་ཀྱང་དེའི་དམིགས་དོན་ནི་གཏེར་སྒར་ཆོས་ཚོགས་ཀྱི་ངོས་ནས་བསམ་པ་རྣམ་དག་གི་སྨོན་ལམ་ཡོད་པ་དང་། ཐོས་བསམ་བྱེད་པའམ་སྒྲུབ་པ་ཉམས་ལེན་བྱེད་པའམ་ལས་ཀ་བྱེད་འདོད་མཁན་གྱི་མི་སུ་ལའང་དགའ་བསུ་ཞུ་བ། མི་ཡོངས་ལ་ཁྱིམ་ཚང་ལྟ་བུ་དགའ་བསུ་ཡོད་པའི་གནས་ཤིག་སྐྲུན་ཐབས་བྱེད་པའི་ཁས་ལེན་ཡོད་པར་མཚོན་པ་འདི་ཡིན།